西藏拉萨藏汉理论宝典科目一

2024-04-17  16:46:28


西藏拉萨驾照考试(科目四藏文版)是准橙考试网为大家收集整理的。藏族驾考学员刷题推荐使用藏文驾考,支持藏汉双语切换,藏文读题,藏族考驾照必备,藏文驾考可以让你更快通过西藏拉萨驾照考试。准橙考试官方网站助您考试成功早日拿证!


藏文科目一       汉语科目一


藏文驾考.png

扫描上面小程序码,多语言刷题更便捷



1、བགྲོད་ལམ་སྟེང་སྐྱོད་པའི་འཕྲུལ་འཁོར་གྱིས་བསམ་གཟས་ནས་འཕྲུལ་འཁོར་གྱི་ཨང་རྟགས་བཀབ་པ་དང་། བཙོག་སྐྱོན་བཟོས་ན་ཐེངས་གཅིག་ལ་སྐར་མ་ཅི་ཙམ་འཐེན་དགོས།

A.སྐར་མ9

B.སྐར་མ6

C.སྐར་མ3

D.སྐར་མ1


2、ལག་འཁྱེར་མ་བླངས་པའི་ཁ་ལོ་བས་བགྲོད་ལམ་སྟེང་དུ་རླངས་འཁོར་བསྐོར་བར་སློབ་སྦྱོང་བྱེད་སྐབས། འཕྲུལ་འཁོར་དང་འགྲོགས་ནས་མཛུབ་སྟོན་བྱེད་པའི་རྩལ་ཁྲིད་པ་མེད་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒོར་ག་ཚོད་ཀྱི་ཆད་པ་གཅོད་དགོས།

A.སྒོར་200ཡན་ནས་སྒོར་2000་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ།

B.སྒོར་2000་ཡན་ནས་སྒོར་5000མན་གྱི་དངུལ་ཆད་གཅོད་རྒྱུ།

C.སྒོར་ཆིག་1000ཡན་ནས་སྒོར་3000་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ།

D.སྒོར་20ཡན་ནས་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ།


3、ཁ་ལོ་པས་དངོས་སྦྱོང་དུས་ཡུན་ནང་ཁེར་རྐྱང་དུ་འཕྲུལ་འཁོར་བསྐོར་ནས་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ན་ཉེས་ཆད་ཅི་ཞིག་འཁུར་དགོས།

A.སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

B.སྐར་མ་3འཐེན།

C.སྐར་མ6འཐེན།

D.ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་བཏང་བ།


4、རླངས་འཁོར་ཆུང་གྲས་ནང་འགྲུལ་པའི་གྲངས་ཚད་གཏན་འཁེལ་གྲངས་ཚད་ཀྱི་20%ཡན་ཟིན་ཡང་50%ཡན་ཟིན་མེད་ཚེ་ཐེངས་གཅིག་ལ་སྐར་མ་ག་ཚོད་འཐེན་དགོས།

A.སྐར་མ3

B.སྐར་མ6

C.སྐར་མ9

D.སྐར་མ12


5、གཤམ་གྱི་ཁྲིམས་འགལ་བྱ་སྤྱོད་གང་ཞིག་ཡོད་པའི་ཁ་ལོ་བར་ཐེངས་གཅིག་ལ་སྐར་མ6འཐེན་དགོས།

A.བསྐོར་ཆོག་པའི་འཁོར་རིགས་དང་མི་མཐུན་པའི་འཕྲུལ་འཁོར་བསྐོར་བ།

B.རླངས་འཁོར་གྱི་ཨང་རྟགས་མ་བཀལ་བར་ལམ་དུ་བསྐྱོད་པ།

C.རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་གྱི་མཛུབ་སྟོན་ལྟར་མི་སྐྱོད་།

D.སློབ་གྲྭའི་རླངས་འཁོར་གཏོང་བའི་ཐོབ་ཐང་མ་ཐོབ་པར་སློབ་གྲྭའི་རླངས་འཁོར་གཏོང་བ།


6、འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྐོར་ལས་གཤམ་གྱི་ནོར་འཁྲུལ་གྱི་བཤད་སྟངས་ནི་ཅི་ཞིག་ཡིན།

A.མི་ལ་རྨས་སྐྱོན་ཡང་མོ་བཟོས་པའམ་ཡང་ན་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་བྲོས་བྱོལ་བྱས། ནག་ཉེས་སུ་མ་གྲུབ་ན། ཐེངས་གཅིག་ལ་སྐར་མ་9འཐེན་དགོས།

B.འཕྲུལ་འཁོར་བསྐོར་ནས་མྱུར་བགྲོད་གཞུང་ལམ་ཐོག་ཁྲིམས་འགལ་གྱིས་མཁོ་བསྟུན་འཁོར་ལམ་དུ་སྐྱོད་སྐབས་ཐེངས་གཅིག་ལ་སྐར་མ་6འཐེན།

C.འཕྲུལ་འཁོར་བསྐོར་ནས་མྱུར་བགྲོད་གཞུང་ལམ་ཡང་ན་གྲོང་ཁྱེར་གྱི་མྱུར་བགྲོད་ལམ་དུ་ཁྲིམས་འགལ་ངང་རླངས་འཁོར་ཁ་བཀག་ན། ཐེངས་གཅིག་ལ་སྐར་མ9འཐེན།

D.ཁ་ལོ་བའི་ལག་ཁྱེར་གནས་སྐབས་བཀག་ཉར་རམ་བཀག་ཉར་བྱས་ཀྱང་འཕྲུལ་འཁོར་བཏང་ན་ཐེངས་གཅིག་ལ་སྐར་6འཐེན་དགོས།


7、རེ་ཞུ་བྱེད་མཁན་ལ་གཤམ་གསལ་གྱི་བྱ་སྤྱོད་གང་ཞིག་ཡོད་ན། ལོ་གསུམ་ནང་ཡང་བསྐྱར་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་འཁྱེར་ལེན་མི་ཆོག

A.དངོས་སྦྱོང་དུས་ཡུན་སྐར་མ་12ཟིན་དང་།ཁ་ལོ་བའི་ལག་ཁྱེར་ཐོ་ཁོངས་ནས་སུབ་པ།

B.རེ་ཞུ་བྱེད་མཁན་གྱིས་རྒྱུགས་ལེན་པའི་བརྒྱུད་རིམ་ཁྲོད་དུ་གཡོ་སྒྱུའི་བྱ་སྤྱོད་ཡོད་པ།

C.རེ་འདུན་ཞུ་མཁན་གྱིས་མགོ་སྐོར་གཏོང་བ་དང་ལྐོག་རྔན་སྤྲོད་པ་སོགས་ཚུལ་མིན་གྱི་བྱེད་ཐབས་སྤྱད་ནས་རླངས་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་ཐོབ།

D.རེ་ཞུ་བྱེད་མཁན་གྱིས་གསོ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་ནན་ཏན་གྱིས་སྦྱོང་བརྡར་བྱེད་མ་ཐུབ།


8、རེ་ཞུ་བྱེད་མཁན་གྱིས་རྒྱུགས་ལེན་པའི་བརྒྱུད་རིམ་ཁྲོད་དུ་ལྐོག་རྔན་སྤྲོད་པ་དང་། གཡོ་ཟོལ་གྱི་བྱ་སྤྱོད་ཡོད་ན། རྒྱུགས་ལེན་པའི་ཐོབ་ཐང་མེད་པར་བཟོས་ཏེ།རྒྱུགས་འཕྲོད་པའི་བསླབ་ཚན་གཞན་པའི་མཇུག་འབྲས་ལ་ནུས་པ་མེད་པ་དང་།སྒོར་ག་ཚོད་མན་གྱི་དངུལ་ཆད་གཅོད་དགོས།

A.སྒོར་200

B.སྒོར་500

C.སྒོར་1000

D.སྒོར་2000


9、རླངས་འཁོར་དོ་དམ་ཁང་ལ་འཕྲུལ་འཁོར་རིགས་ཀྱི་བདག་པོའི་ལག་ཁྱེར་གསབ་སྤྲོད་དང་།འཕྲུལ་འཁོར་རིགས་ཀྱི་ཨང་བྱང་བརྗེ་ལེན་གྱི་རེ་འདུན་ཞུས་རྗེས། བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན་ག་ཚོད་ནང་གསབ་སྤྲོད་དང་ཨང་བྱང་བརྗེ་དགོས།

A.ཉིན་3

B.ཉིན་5

C.ཉིན་10

D.ཉིན་15


10、རེ་ཞུ་མཁན་སྒྲིག་འཛུགས་བྱས་ཏེ་འཕྲུལ་འཁོར་ཁ་ལོ་བའི་རྒྱུགས་ལེན་པའི་གོ་རིམ་ཁྲོད་དུ་གཡོ་ལས་བྱས་པ་དང་། གནས་ཚུལ་ཚབས་ཆེན་གྱིས་ནག་ཉེས་སུ་གྲུབ་ན། ཆད་པ་ཅི་ཞིག་གཅོད་དགོས།

A.རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

B.དུས་བཙོན་ལོ་གསུམ་མན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

C.དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།

D.དུས་བཙོན་ལོ་བདུན་ཡན་གྱི་དུས་བཙོན་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།



查看完整版题库



热门文章